སྐད་ཡིག་དེབ་ཕྲེང་།

23 items
སྐད་ཡིག་དེབ་ཕྲེང་དང་པོ་འདི་ནི། བོད་ཀྱི་བརྡ་སྤྲོད་སྤྱི་དང་བྱེ་བྲག་བྱ་ཚིག་གི་རྣམ་གཞག་ཐད། མཁས་པའི་དབང་པོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས་ཉམས་ཞིབ་ནན་ཏན་བགྱིས་ཏེ། བྱེད་པ་པོ་གཞན་འབྲེལ་ཡིན་མིན་གྱི་བྱ་ཚིག་རིགས་གཉིས་ཀྱི་དོན་གྱི་ཁྱད་པར་དང་། སྒྲའམ་ཡིག་གཟུགས་གྲུབ་ཚུལ་སྟེང་གི་ཁྱད་པར། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་སྟེང་གི་ཕྲ་ཞིབ་ཀྱི་ཁྱད་པར། དེ་བཞིན་དུས་ཀྱི་རྣམ་གཞག་ལ་བརྗོད་བྱ་དོན་གྱི་དུས་གསུམ་དང་། རྗོད་བྱེད་ཚིག་གི་དུས་གསུམ། བྱ་བ་བྱེད་དུས་ཀྱི་དུས་གསུམ། བྱེད་པ་པོ་གཞན་འབྲེལ་དང་། གཞན་འབྲེལ་མ་ཡིན་པའི་དུས་གསུམ་བཅས་ཀྱི་དབྱེ་བ་དང་ཁྱད་པར་སོགས་མདོར་ན་ཐུན་མིན་གྱི་ཁྱད་ཆོས་གཟེངས་སུ་ཐོན་པ་དག་གིས་ཡོངས་སུ་གཏམས་པས་ན། བློ་གྲོ ས་དང་ལྡན་པ་དག་གཞུང་འདི་ལ་ཅིས་ཀྱང་འཇུག་པར་ཞུ། །