ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་གཞུང་བླའི་དོན་རྐྱེན་སོགས་ཆབ་སྲིད་བྱུང་རིམ་དང་གནད་དོན་ལ་དཔྱད་པ།: Foreign Intrigues and Wedging Fissures: The 9th Panchen Lama and the Ganden Phodrang Govt. of Tibet

· ལོ་རྒྱུས་དེབ་ཕྲེང་། 第 42 冊 · Library of Tibetan Works and Archives
電子書
532
頁數

關於這本電子書

དཔྱད་དེབ་འདིའི་ནང་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་འབྲེལ་བའི་རྣམ་ཐར་ཁག་དང་། བཀའ་ཤོག བཀའ་རྩ། ཆེད་རྩོམ། ངག་རྒྱུན། དབྱིན་རྒྱ་གཉིས་ཀྱི་ཡིག་ཆ་བརྒྱ་ཕྲག་ཡས་མས་ལག་ཏུ་སོན་པའི་དཔྱད་ཡིག་རྣམས་ལ། ལོ་རྒྱུས་གཤིབ་བསྡུར་རིག་པའི་ཐབས་ལམ་བཀོལ་སྤྱོད་ཀྱིས་ཕན་ཚུན་གཤིབ་བསྡུར་ཞིབ་ཚགས་ཞུས་རྗེས། “ཀོ་གྲུ་སྔ་བཙན་དང་། ཐམ་ཁ་རྗེས་བཙན།” ཞེས་པའི་གནའ་མིའི་དཔེ་ལྟར། སྤྱིར་དུས་སྐབས་དེའི་ལོ་རྒྱུས་དངོས་དང་ཡང་སྒོས་༸པཎ་ཆེན་སྐུ་ཕྲེང་དགུ་པའི་ཐུན་མོང་རྣམ་ཐར་དང་འབྲེལ་བའི་བྱུང་བ་ཐག་ཉེ་ཤོས་འདི་རེད་འདུག་སྙམ་པའི་གནས་ཚུལ་གང་ཡོད་བཀོད་གང་ཐུབ་ཞུས་ཡོད།

   འོན་ཀྱང་། གླིང་སྒྲུང་ལས། “སྔར་རྒྱག་གླིང་པའི་སྲོལ་ལ་མེད། །ཕྱིས་རྒྱག་ཐར་པ་གཏོང་ལེ་མིན།” ཞེས་པ་ལྟར། གནད་དོན་གང་དང་གང་ལའང་སྐབས་འཕྲལ་ཡིན་དང་མིན་གྱི་ཐག་གཅོད་བྱས་མེད་ལ། ངེས་པ་རྙེད་པའི་གནད་དོན་ཁག་གཅིག་སྔར་གྱི་གནས་ཚུལ་ཐོག་ཁ་སྣོན་དང་དགག་སྒྲུབ། ལུང་དང་ཟེར་སྒྲོས་ཁོ་ནའི་རྗེས་སུ་མ་འབྲངས་པར་སྐབས་མཚམས་ལ་ལར་ད་ཕན་ཡོངས་ལ་གྲགས་པའི་གནས་ཚུལ་སྐོར་ཞིག་ལ་རང་གི་ལྟ་སྟངས་གསར་པའི་འགྲེལ་བརྗོད་ཀྱང་ཞུས་ཡོད། ཡིན་ནའང་། ལོ་རྒྱུས་ཞིབ་འཇུག་གི་གནད་དོན་ཐམས་ཅད་རིགས་པ་ཁོ་ནས་ཁུངས་འཁྱོལ་རྒྱུ་ཧ་ཅང་དཀའ་བར་བརྟེན། རིགས་པས་བསྒྲུབ་དཀའ་བའི་གནས་ཚུལ་མང་པོ་ཞིག་ལུང་ལ་བརྟེན་རྒྱུ་ཁུངས་བཙན་པར་འཛིན་དགོས་པའི་བསམ་པ་སྔོན་བཅངས་ཀྱི་ཐོག་ནས། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མའི་ཐུན་མོང་མཛད་པ་དང་གཞུང་བླའི་དོན་རྐྱེན་གྱི་རྒྱུ་རྐྱེན་དངོས་གང་ཡིན་གསལ་སྟོན་ཞུས་ཡོད།

རྩོམ་པ་པོས།

為這本電子書評分

請分享你的寶貴意見。

閱讀資訊

智能手機和平板電腦
請安裝 Android 版iPad/iPhone 版「Google Play 圖書」應用程式。這個應用程式會自動與你的帳戶保持同步,讓你隨時隨地上網或離線閱讀。
手提電腦和電腦
你可以使用電腦的網絡瀏覽器聆聽在 Google Play 上購買的有聲書。
電子書閱讀器及其他裝置
如要在 Kobo 等電子墨水裝置上閱覽書籍,你需要下載檔案並傳輸到你的裝置。請按照說明中心的詳細指示,將檔案傳輸到支援的電子書閱讀器。

繼續閱讀此系列

更多གཙང་ཕྲུག་སྟོབས་ལགས།的著作

同類型電子書