དགོན་རབས་ཀུན་གསལ་ཉི་སྣང་།

· ལོ་རྒྱུས་དེབ་ཕྲེང་། Βιβλίο 49 · Library of Tibetan Works and Archives
1,0
1 κριτική
ebook
689
Σελίδες

Σχετικά με το ebook

དེ་ཡང་། སངས་རྒྱས་ཀྱི་བསྟན་པ་ནི་དགེ་འདུན་གྱི་སྡེ་ལ་རག་ལས། དགེ་འདུན་གྱི་སྡེ་ཡང་གཏན་དུ་ཐོས་བསམ་སྒོམ་སྒྲུབ་བྱེད་ས། དབེན་པའི་གནས་སམ་དགོན་པ་ལ་རག་ལས། དེས་ན་མཁན་སློབ་ཆོས་གསུམ་གྱིས་དང་ཐོག་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་པར་མཛད། དེ་ནས་དེར་དགེ་འདུན་གྱི་སྡེ་བཙུགས་ནས་སངས་རྒྱས་ཀྱི་བསྟན་པ་གངས་ཅན་ལྗོངས་སུ་ཆེས་ཆེར་དར་རིམ་བཞིན་འདི་ག་ལ་དྭགས་ལྗོངས་སུའང་བོད་བརྒྱུད་ཀྱི་ནང་བསྟན་དར་རྒྱས་བྱུང་བ་ལ་ལོ་ཆེན་རིན་ཆེན་བཟང་པོས་ཉར་མ་རུ་གཙུག་ལག་ཁང་ཕྱག་བཏབས་པར་མཛད་ནས་དགེ་འདུན་གྱི་སྡེ་ཡིས་ཐོས་བསམ་སྒོམ་སྒྲུབ་སོགས་མཛད་ནས་སངས་རྒྱས་ཀྱི་བསྟན་པ་མང་ཡུལ་ལ་དྭགས་ལྗོངས་སུ་དར་རྒྱས་བྱུང་། དེས་ན་དགོན་པ་ཡང་རིམ་བཞིན་མང་དུ་བཞེངས། བོད་ཀྱི་ཆོས་བརྒྱུད་བཀའ་གདམས་རྙིང་མ། བཀའ་བརྒྱུད། ས་སྐྱ་དང་དགེ་ལུགས་བཅས་ཀྱི་ཆོས་བརྒྱུད་ཧི་མཱ་ལ་ཡའི་ལྗོངས་རྣམས་སུ་དར། དགོན་རབས་འདིའི་ནང་དུ་ལ་དྭགས་དང་གར་ཞྭ་རུ་དགོན་པ། སྐུ་གསུང་ཐུགས་རྟེན། ལྡེབས་རིས། མཆོད་རྟེན་སོགས་ཀྱི་བྱུང་བ་ཕྲ་ཞིང་ཕྲ་བ་ནས་བཀོད་ཡོད། དེར་མ་ཟད་ལྗོངས་འདིར་བོད་བརྒྱུད་ནང་བསྟན་མ་དར་གོང་དུ་ཀཤྨཱིར་བརྒྱུད་ནང་བསྟན་ཇི་ལྟར་དར་བ་བཅས་ཀྱི་སྐོར་ལ་དམིགས་བསལ་སྨྱུ་གུའི་བྱ་བ་བྱས་འདུག་པས་ཀློག་པ་པོ་རྣམས་ཀྱི་བློ་གྲོས་རྒྱས་པ་ལ་ངེས་པར་ཕན་ཐོགས་ཡོད་པའི་རེ་སྨོན་བཅས་སོ།

Βαθμολογίες και αξιολογήσεις

1,0
1 αξιολόγηση

Αξιολογήστε αυτό το ebook

Πείτε μας τη γνώμη σας.

Πληροφορίες ανάγνωσης

Smartphone και tablet
Εγκαταστήστε την εφαρμογή Βιβλία Google Play για Android και iPad/iPhone. Συγχρονίζεται αυτόματα με τον λογαριασμό σας και σας επιτρέπει να διαβάζετε στο διαδίκτυο ή εκτός σύνδεσης, όπου κι αν βρίσκεστε.
Φορητοί και επιτραπέζιοι υπολογιστές
Μπορείτε να ακούσετε ηχητικά βιβλία τα οποία αγοράσατε στο Google Play, χρησιμοποιώντας το πρόγραμμα περιήγησης στον ιστό του υπολογιστή σας.
eReader και άλλες συσκευές
Για να διαβάσετε περιεχόμενο σε συσκευές e-ink, όπως είναι οι συσκευές Kobo eReader, θα χρειαστεί να κατεβάσετε ένα αρχείο και να το μεταφέρετε στη συσκευή σας. Ακολουθήστε τις αναλυτικές οδηγίες του Κέντρου βοήθειας για να μεταφέρετε αρχεία σε υποστηριζόμενα eReader.

Συνεχίστε τη σειρά

Περισσότερα από τον χρήστη འཇམ་དབྱངས་རྒྱལ་མཚན།

Παρόμοια ebook