བོད་དང་ངའི་ལོ་རྒྱུས།

· ལོ་རྒྱུས་དེབ་ཕྲེང་། الكتاب 47 · Library of Tibetan Works and Archives
5.0
4 مراجعات
كتاب إلكتروني
460
صفحة

معلومات عن هذا الكتاب الإلكتروني

༄༅། །༸མི་རྗེ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེའི་ལོ་རྒྱུས་འདིའི་ནང། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གསེར་ཁྲི་མངའ་གསོལ་ཞུས་སྐོར་དང། ལྟག་མཚེར་ཡུལ་ལུང་ནང་གི་འཚོ་བ་སྐྱེལ་སྟངས། བོད་ཀྱི་སྲོལ་རྒྱུན་དུས་སྟོན། ཀ་རྡོར་ཁུལ་ཆོས་སྡེ་ཞིག་གི་སློབ་གྲྭའི་ནང་འཛུལ་ཞུགས་གནང་བ། རྒྱ་དམར་གྱིས་མདོ་སྟོད་སྨད་ཁུལ་ནས་མང་གཙོའི་བཅོས་སྒྱུར་བྱས་ཏེ་དྲག་པོའི་ལས་འགུལ་སྤེལ་ཚུལ། ༡༩༥༦ ལོར་༸གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་སངས་རྒྱས་མྱང་འདས་ཀྱི་རྗེས་དྲན་མཛད་སྒོར་ཚོགས་ཕེབས་དང་འབྲེལ་གནས་གཟིགས་བསྐྱངས་པ། བོད་ནང་གི་ཛ་དྲག་དོན་རྐྱེན་གྱིས་རྐྱེན་པས་ཉེན་གཡོལ་དུ་ཆིབས་བསྒྱུར་བསྐྱངས་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་དུ་མར་ཁྱད་བསད་ཀྱིས་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་དང་དགོན་སྡེ་ཁག་གསར་འཛུགས་གནང་འབྲེལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་དོན་སྐོར་གྲོས་གཞི་འཇོག་གནང་མཛད་པ། ༸སྐུའི་གཅེན་མོ་ལྷ་ལྕམ་ཚེ་རིང་སྒྲོལ་མ་མཆོག་ནས་བོད་ཁྱིམ་སློབ་གྲྭའིིི་ཐུགས་འགན་བཞེས་པ། གཅེན་མོ་དམ་པའི་ཕྱག་ལས་མཇུག་སྐྱོང་གནང་ཕྱིར་༸ལྷ་སྐུ་རྗེ་བཙུན་པདྨ་མཆོག་ནས་མ་འོངས་སོན་རྩ་བོད་ཕྲུག་ཚོར་འཕྲལ་ཕུགས་གཉིས་དགེའི་གཞི་རྩ་ཤེས་ཡོན་སློབ་སྦྱོང་ཐོག་རླབས་ཆེན་གྱི་མཛད་རྗེས་ཇི་བསྐྱངས། ལྷག་དོན་༸ལྷ་སྐུ་མཆོག་གཞུང་འབྲེལ་སྐུ་ཚབ་གཟིགས་སྐོར་ཚོགས་ཆུང་ཐེངས་གསུམ་པའི་དབུ་ཁྲིད་གནང་སྟེ་བོད་ནང་ཕེབས་སྐབས། རྒྱ་དམར་གྱིས་འཆར་གཞི་གོ་རིམ་ལྡན་པའི་སྒོ་ནས་བོད་ཀྱི་རིག་གཞུང་རྣམས་རྩ་བརླག་བཏང་ཐོག་མི་སེར་སྤེལ་ཡུལ་དུ་བསྒྱུར་བ་སོགས་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་ཡོད་ཀྱང། གཞིས་ལུས་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་མི་རིགས་ཀྱི་ལ་རྒྱ་བཅངས་ཏེ་དཀའ་ངལ་ལ་གདོང་ལེན་གནང་དང་གནང་མུས་བཅས་ཀྱི་ལོ་རྒྱུས་ཞིབ་ཕྲ་གསལ་ཡོད།།

التقييمات والتعليقات

5.0
4 مراجعات

تقييم هذا الكتاب الإلكتروني

أخبرنا ما هو رأيك.

معلومات القراءة

الهواتف الذكية والأجهزة اللوحية
ينبغي تثبيت تطبيق كتب Google Play لنظام التشغيل Android وiPad/iPhone. يعمل هذا التطبيق على إجراء مزامنة تلقائية مع حسابك ويتيح لك القراءة أثناء الاتصال بالإنترنت أو بلا اتصال بالإنترنت أينما كنت.
أجهزة الكمبيوتر المحمول وأجهزة الكمبيوتر
يمكنك الاستماع إلى الكتب المسموعة التي تم شراؤها على Google Play باستخدام متصفح الويب على جهاز الكمبيوتر.
أجهزة القراءة الإلكترونية والأجهزة الأخرى
للقراءة على أجهزة الحبر الإلكتروني، مثل أجهزة القارئ الإلكتروني Kobo، عليك تنزيل ملف ونقله إلى جهازك. يُرجى اتّباع التعليمات المفصّلة في مركز المساعدة لتتمكّن من نقل الملفات إلى أجهزة القارئ الإلكتروني المتوافقة.

مواصلة قراءة السلسلة

كتب إلكترونية مشابهة