བྱམས་བརྩེའི་ས་བོན།: ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚེ་དང་གང་གི་བཀའ་སློབ་དྲངས་པའི་བསླབ་བྱ།

· Library of Tibetan Works and Archives
Liburu elektronikoa
35
orri

Liburu elektroniko honi buruz

༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོས་རྟག་ཏུ་ཁོང་རང་ཉིད་ནང་པའི་གྲྭ་པ་ཉམ་ཆུང་ཞིག་ཡིན་ཞེས་གསུང་གི་ཡོད། ཁོང་ནི་བོད་མི་མང་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དབུ་ཁྲིད་རེད། སྤྱི་ལོ་ ༡༩༨༩ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང་། སྤྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་རེད། ཁོང་སྤྱི་ལོ་ ༡༩༣༥ ལོར་སོ་ནམ་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་། དགུང་གྲངས་གཉིས་ལ་ཕེབས་སྐབས་༸ཏཱ་ལའི་བླ་མ་སྐུ་གོང་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་རེད། ཁོང་ནི་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་སྐྱེད་སྲིང་བྱེད་པར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལ་བརྟེན་དགོས་པར་ཐུགས་རྩ་འཁོལ་པོས་རྒྱབ་སྐྱོར་གནང་མཁན་ཞིག་རེད། ༸ཏཱ་ལའི་བླ་མ་མཆོག་གིས་གཞན་ཕན་གྱི་བསམ་བློ་དང་། བྱམས་བརྩེ། ཆོས་ལུགས་ཕན་ཚུན་གྱི་མཛའ་འབྲེལ། ཁོར་ཡུག་སྲུང་སྐྱོང་། ལྷག་པར་དུ་འཛམ་གླིང་ཞི་བདེ་བཅས་སྐུལ་སྤེལ་གཏོང་བར་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་གནང་གི་ཡོད། 

བྷའོ་ལུའུ(Bao Luu)ནི་ཝིཊ་ནམ(Vietnam)རུ་སྐྱེས་པ་དང་། ད་ལྟ་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད། སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་ཁོ་རང་གི་ཐུན་མིན་དཔེ་རིས་ནང་ཚོན་མདོག་གི་རྣམ་པར་བཀྲ་བ་ཁྱད་ཆོས་དང་སྤུས་ཀར་དོ་སྣང་ཆེན་པོ་གནང་གི་ཡོད། ཁོང་གིས་རང་ཉིད་ལ་བྱམས་བརྩེའི་ས་བོན་ནང་དཔེ་རིས་འབྲི་བའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོར་ངོས་འཛིན་གནང་གི་ཡོད།

Baloratu liburu elektroniko hau

Eman iezaguzu iritzia.

Irakurtzeko informazioa

Telefono adimendunak eta tabletak
Instalatu Android eta iPad/iPhone gailuetarako Google Play Liburuak aplikazioa. Zure kontuarekin automatikoki sinkronizatzen da, eta konexioarekin nahiz gabe irakurri ahal izango dituzu liburuak, edonon zaudela ere.
Ordenagailu eramangarriak eta mahaigainekoak
Google Play-n erositako audio-liburuak entzuteko aukera ematen du ordenagailuko web-arakatzailearen bidez.
Irakurgailu elektronikoak eta bestelako gailuak
Tinta elektronikoa duten gailuetan (adibidez, Kobo-ko irakurgailu elektronikoak) liburuak irakurtzeko, fitxategi bat deskargatu beharko duzu, eta hura gailura transferitu. Jarraitu laguntza-zentroko argibide xehatuei fitxategiak irakurgailu elektroniko bateragarrietara transferitzeko.