ཧི་མ་ལ་ཡའི་གནའ་གྲོང་ཉུལ་བ།

· Library of Tibetan Works and Archives
5.0
리뷰 2개
eBook
264
페이지

eBook 정보

༄། །དཔེ་དེབ་འདི་ནི་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་གར་ཞ་དང་། སྤྱི་ཏི། ཁུ་ནུ་བཅས་ཀྱི་བྱུང་བ་སྤྱི་དང་། ཁྱད་པར་དུ་གནའ་བོའི་མཁར་དགོན་གྲོང་གསུམ་གྱི་སྔ་ཕྱིའི་འགྱུར་བ་དང་ད་ལྟའི་གནས་བབ་སྟོན་པའི་ཟིན་ཐོ་ཞིག་སྟེ། རྩོམ་པ་པོ་ཡུལ་ལུང་དེ་དག་ཏུ་སྔ་ཕྱིར་ཐེངས་གཉིས་ཕེབས་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་དག་རྩོམ་གདན་དུ་བཏིང་ནས། ཡུལ་མིའི་ངག་རྒྱུན་དང་སྔར་ཡོད་ལོ་རྒྱུས་ཀྱི་རྒྱུ་ཆ་སོགས་རྟེན་ཁུངས་ཡིག་ཆ་བཞི་བཅུ་ལྷག་ལ་མཚུངས་བསྡུར་གྱིས་རི་རྒྱུད་འདིའི་ཕྱི་ནང་གི་བཀོད་པ་ཁག་ཞིབ་འབྲི་བྱས་ཡོད་སྟབས། ལོ་རྒྱུས་ལ་ཕྱི་མིག་ལྟ་བའི་གོམས་གཤིས་ཅན་ཚོར་སྣེ་ཤན་པའི་ལམ་ཡིག་ཕུན་སུམ་ཚོགས་པ་ཞིག་ཏུ་གྲུབ་འདུག །དེ་ཡང་ཡུལ་ལུང་ག་གེ་མོའི་བྱུང་རབས་ཆགས་ལུགས་ཇི་བཞིན་དུ་འབྲི་བ་ལ་འབྲི་བ་པོ་རང་ཉིད་ཡུལ་ངོས་སུ་ཕྱིན་ཏེ་མིག་གིས་བལྟས་ཤིང་རྣ་བས་ཉན་ནས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ལྟར། འདིར་ཡང་རྩོམ་པ་པོས་ངག་རྒྱུན་ཐོ་རེ་བ་དང་བཤད་ཡམས་ཐན་ཐུན་རེར་རྒྱབ་བསྙེས་ཏེ་མལ་ས་དྲོན་མོའི་ནང་ནས་སྨྱུག་ཁ་བསྐོར་བ་ཞིག་མ་ཡིན་པར། ཙག་རླུང་བསེར་གསུམ་གྱི་སོ་ཁ་བཙན་པོར་སྙི་མོའི་གདོང་གཏད་ཅིང་རྒྱུ་ཚེགས་དུས་གསུམ་ཕངས་མེད་དུ་བཏང་སྟེ་ཧི་མ་ལ་ཡའི་རི་རྒྱུད་འདི་དག་གི་ངོ་མཚར་བའི་ལྟད་མོ་རྣམས་ཐང་མར་བརྡལ་འདུག་ན་རིག་པ་ལ་དགའ་ཞིང་ལོ་རྒྱུས་ལ་དུང་བ་དག་ཅིས་ཀྱང་འཇུག་པར་འཚལ། 

ངེས་དོན་རྒྱ་མཚོས།


평가 및 리뷰

5.0
리뷰 2개

이 eBook 평가

의견을 알려주세요.

읽기 정보

스마트폰 및 태블릿
AndroidiPad/iPhoneGoogle Play 북 앱을 설치하세요. 계정과 자동으로 동기화되어 어디서나 온라인 또는 오프라인으로 책을 읽을 수 있습니다.
노트북 및 컴퓨터
컴퓨터의 웹브라우저를 사용하여 Google Play에서 구매한 오디오북을 들을 수 있습니다.
eReader 및 기타 기기
Kobo eReader 등의 eBook 리더기에서 읽으려면 파일을 다운로드하여 기기로 전송해야 합니다. 지원되는 eBook 리더기로 파일을 전송하려면 고객센터에서 자세한 안내를 따르세요.

ཤིས་ཚང་མཁྱེན་རབ་རྒྱ་མཚོ། 작가의 책 더보기

비슷한 eBook