སྐྱོ་བའི་ཁྲི་མུན་བཙོན་ལ། །ཡབ་ཡུམ་འདས་པ་ཐོས་དུས། །
མཆི་མས་བྲང་གཞུང་བརླན་པ། །ཆད་དུས་ནམ་ཡང་མ་བྱུང་། །
སྐྱོ་བོའི་གྲྭ་བཞི་བཙོན་ལ། །མི་ལོ་བཅུ་གཉིས་སྡོད་དགོས། །
ས་ཡ་དྲུག་གི་ལས་དབང་། །བསྒྱུར་ན་བསམ་པ་དྲན་བྱུང་། །
རི་ཀླུང་འབུམ་ཕྲག་བརྒལ་ཏེ། །མི་ཡུལ་ས་མཐར་སླེབས་སོང་། །
ཕ་ཡུལ་དྲན་པའི་མིག་ཆུ། །མཐའ་ཡས་རྒྱ་མཚོར་འདྲེས་སོང་། །